གནས་ཚུལ་གསར་བཏོན།

སྤྱི་ཚེས་༡༠-༡༣/༡༢/༢༠༡༧ ཚུན་ བསྟན་རྒྱས་ལྷན་ཁག་གི་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གི་གཙོས་པའི་ རྒྱལ་ཡོངས་ཚོགས་་འདུའི་ ཆེ་མཐོའི་འགོ་དཔོན་དང་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ས་གནས་ཨར་ཇེན་ཊི་ན་ལུ་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་གི་ལྷན་འཛོམས་ཐེངས་༡༡ པ་ཚོགས་གནང་ས་ལུ་ བཅའ་མར་གཏོགས་གནང་དོ་ཡོདཔ་ཨིན། དེ་ཡང་ ང་བཅས་རའི་རྒྱལ་ཁབ་འདི་ ལྟ་རྟོག་པའི་རྒྱལ་ཁབ་སྦེ་ཚུད་དེ་ཡོདཔ་ལས་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་གིས་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ གདན་འདྲེན་ཞུ་ཡོདཔ་ཨིན་མས། འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་གི་ལྷན་འཛོམས་ཐེངས་༡༡ པའི་ སྒོ་བྱེད་ལས་རིམ་ནང་ལུ་ ཨར་ཇེན་ཊི་ན་དང་ བྲ་ཛིལ། པ་ར་གུ་ཝའི་དང་ ཡུ་རུ་གུ་ཝའི་གི་སྲིད་འཛིན་ཚུ་ཡང་ བཅའ་མར་གཏོགས་གནང་ཡོདཔ་ཨིན།

༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽