འབྲུག་དང་ཇཱ་པཱན་རྒྱལ་ཁབ་གཉིས་ཀྱི་བར་ན་ཚོང་ལས་གྲོས་འཛོམས།

སྤྱི་ཚེས་༢༧/༠༦/༢༠༡༨ ལས་༣༠/༠༦/༢༠༡༨ ལུ་ ཇཱ་པཱན་རྒྱལ་ཁབ་ལས་ སྐུ་ཚབ་ཀེན་ཇི་ཧེ་ར་མཱ་དང་ རྒྱ་གར་གཞུང་ལས་ ཚོང་ལས་ཀྱི་འཐུས་མི་༢༩ འབྲུག་ལུ་བྱོན་ཡོདཔ། འཐུས་མི་གི་གྲལ་ཁར་ ཇཱ་པཱན་རྒྱལ་ཁབ་ཀྱི་ ཇཱ་པཱན་རྒྱལ་ཡོངས་བལྟ་བཤས་མཐུན་ཚོགས་དང་ ཇཱ་པཱན་ཕྱིའི་ཚོང་འབྲེལ་མཐུན་ཚོགས་ དེ་ལས་ ཇཱ་པཱན་གྱི་སྐུ་ཚན་ཡིག་ཚང་དང་ རྒྱ་གར་གཞུང་ཚུ་ ཚུད་དེ་ཡོདཔ་ཨིན་མས། ཁ་གསལ་གྱི་དོན་ལུ་ འདི་ཁར་ཨེབ་གནང་།

འགོ་བཙུགས་ལྟེ་བ་གཞི་བཙུགས།

སྤྱི་ཚེས་༢༥/༠༦/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་ བཟོ་གྲྭ་ཆུང་བ་དང་ནང་བཟོའི་ལས་ཁུངས་ཀྱི་འོག་གི་ འགོ་བཙུགས་ལྟེ་བའི་སྒྲིང་ཁྱིམ་གསར་སྒྲུབ་ཀྱི་རབ་གནས་དང་ སྒོ་འབྱེད་རྟེན་འབྲེལ་སྐབས་ལུ་ བསྟན་རྒྱས་བློན་པོ་མཆོག་དང་ རྒྱ་གར་ཞུང་གི་སྐུ་ཚབ་ཡིག་ཚང་གི་ གཙོ་འཛིན་འགོ་དཔོན་འོག་མ་ཡང་ བྱོན་ཡོདཔ་ཨིན་མས། ཁ་གསལ་གྱི་དོན་ལུ་ འདི་ཁར་ཨེབ་གནང་།

འཕྲུལ་རིག་དང་གསར་གཏོད་ཞབས་ཏོག་ལྟེ་བ་གཞི་བཙུགས།

སྤྱི་ཚེས་༢༠/༠༦/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་གི་ འཕྲུལ་རིག་དང་གཏར་གཏོད་ཞབས་ཏོག་ལྟེ་བ་ཅིག་གཞི་བཙུགས་འབད་ནི་གི་དོན་ལུ་ ཞབས་ཏོག་གནས་ཚད་གན་ཡིག་ཅིག་ ཕྱག་རྟགས་བཀོད་ཡོདཔ་ཨིན། ཕྱག་རྟགས་ཀྱི་ལས་རིམ་འདི་གི་སྐབས་ལུ་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གིས་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་ཡོདཔ་ཨིན། འཕྲུལ་རིག་དང་གཏར་གཏོད་ཞབས་ཏོག་ལྟེ་བ་འདི་ཡང་ བསྟན་རྒྱས་ལྷན་ཁག་དང་ འཛམ་གླིང་བློ་རིག་རྒྱུ་དངོས་མཐུན་ཚོགས་དང་ཅིག་ཁར་ ཕྱག་རྟགས་བཀོད་ཡོདཔ་ཨིན་མས། ཁ་གསལ་གྱི་དོན་ལུ་ འདི་ཁར་ཨེབ་གནང་།

ཚོང་ལས་གོང་འཕེལ་གྱི་དབུ་ཁྲིད་ཞལ་འཛོམས།

  སྤྱི་ཚེས་༡༧/༠༥/༢༠༡༨ལས་ ༡༨/༠༥/༢༠༡༨ ཚུན་ ཉིན་གྲངས་༢ གི་རིང་ལུ་ འབྲུག་རྒྱལ་གཞུང་དང་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གཉིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འབྲུག་མ་རྩ་གཞི་བཙུགས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་ཚུ་དང་ མཉམ་འབྲེལ་གྱི་ཐོག་ལས་ ཚོང་ལས་གོང་འཕེལ་གྱི་དབུ་ཁྲིད་ཞལ་འཛོམས་ཐེངས་༢ པ་ འགོ་འདྲེན་འཐབ་ཡོདཔ་དང་ དབུ་ཁྲིད་ཞལ་འཛོམས་ཀྱི་སྐབསལུ་ འབྲུག་གི་མི་རྗེ་བློན་མཆོག་ སྐུ་མགྲོན་གཙོ་བོ་སྦེ་བྱོན་གནང་ཡོདཔ་ཨིན་མས།   ༼ཁ་གསལ་གྱི་དོན་ལུ་ Read More

གནས་ཚུལ་གསར་བཏོན།

  སྤྱི་ཚེས་༡༦/༠༥/༢༠༡༨ལས་ ༡༧/༠༥/༢༠༡༨ ཚུན་ ཉིན་གྲངས་༢ གི་རིང་ལུ་ བསྟན་རྒྱས་ལྷན་ཁག་གི་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་ གོང་འཕེལ་འགྱོ་བསྒང་ཨིན་མི་རྒྱལ་ཁབ་ཚུ་གི་བར་ན་ ཚོང་འབྲེལ་དང་ ལམ་འགྲུལ་གྱི་དོན་ཚན་ཐོག་ལུ་ ས་གནས་ཨཱས་ཊ་ན་ ཀཱ་ཛས་ཊན་ལུ་ དབུ་ཁྲིད་མཛད་གནང་དོ་ཡོདཔ། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

གནས་ཚུལ་གསར་བཏོན།

  སྤྱི་ཚེས་༡༧/༠༥/༢༠༡༨ལས་ ༡༨/༠༥/༢༠༡༨ ཚུན་ ཉིན་གྲངས་༢ གི་རིང་ལུ་ འབྲུག་རྒྱལ་གཞུང་དང་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གཉིས་མཉམ་རུབ་ཀྱི་ཐོག་ལས་ ཡུན་བརྟན་གོང་འཕེལ་ཟེར་བའི་བརྗོད་དོན་ཐོག་ལུ་ ཚོང་ལས་གོང་འཕེལ་གྱི་དབུ་ཁྲིད་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན་མས། དབུ་ཁྲིད་ཞལ་འཛོམས་ཀྱི་མཉམ་འབྲེལ་ལས་སྡེ་ དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འབྲུག་མ་རྩ་གཞི་བཙུགས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་ཚུ་ཚུད་དེ་ཡོདཔ་ཨིན་མས།   ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

འཛམ་གླིང་བློ་རིག་རྒྱུ་དངོས་ཀྱི་ཉིནམ་བརྩི་སྲུང།

སྤྱི་ཚེས་༢༦/༠༤/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ བློ་རིག་རྒྱུ་དངོས་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ལུ་ ས་གནས་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་སྦྱོང་བརྡར་སྤེལ་ཁང་ལུ་སྦེ་ འཛམ་གླིང་བློ་རིག་རྒྱུ་དངོས་ཀྱི་ཉིནམ་བརྩི་སྲུང་ཞུ་ཡོདཔ། བརྩི་སྲུང་གི་ཉིནམ་དང་འབྲེལ་ ཉིནམ་འདི་ནང་ བློ་རིག་རྒྱུ་དངོས་ཀྱི་ཀུན་ཁྱབ་གོ་བརྡའི་ལས་རིམ་ཅིག་ཡང་འགོ་འདྲེན་འཐབ་ཡོདཔ་ཨིན་མས། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽  

རྒྱལ་ཡོངས་ཚོང་རྟགས་ཀྱི་གཟེངས་བསྟོད་༢༠༡༨།

སྤྱི་ཚེས་༠༦/༠༤/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ བློ་རིག་རྒྱུ་དངོས་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ལུ་ ས་གནས་ཐིམ་ཕུག་ལུ་སྦེ་ ལོ་བསྟར་རྒྱལ་ཡོངས་ཚོང་རྟགས་ཀྱི་གཟེངས་བསྟོད་ལས་རིམ་ འགོ་འདྲེན་འཐབ་ནུག། ལས་རིམ་དེ་སྦེ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ རྒྱལ་ཡོངས་བློ་རིག་རྒྱུ་དངོས་ཀྱི་སྲིད་བྱུས་༢༠༡༨ ཅན་མ་དང་འཁྲིལ་ཨིནམ་དང་ རྒྱལ་གཞུང་གིས་དེ་སྦེ་ལག་ལེན་འཐབ་མི་འདི་ཡང་ རྒྱལ་ཁབ་ནང་འཁོད་ལུ་ གསར་བཏོད་དང་གསར་སྐྲུན་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་གི་དོན་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽

ནང་བཟོ་དང་བཟོ་གྲྭ་ཆུང་བའི་འགྲེམས་སྟོན་༢༠༡༨།

སྤྱི་ཚེས་༢༣/༠༣/༢༠༡༨ ལས་སྤྱི་ཚེས་༢༥/༠༣/༢༠༡༨ ཚུན་ ཉིན་གྲངས་༣ གི་རིང་ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ བཟོ་གྲྭ་ཆུང་བ་དང་ནང་བཟོའི་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ལུ་ ས་གནས་ཐིམ་ཕུག་ ལྕང་གླིང་མི་ཐང་ལུ་སྦེ་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་འགྲེམས་སྟོན་ཅིག་འགོ་དང་པ་ འགོ་འདྲེན་འཐབ་ནུག། ལས་རིམ་འདི་ བསྟན་རྒྱས་ལྷན་ཁག་གི་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གིས་ འགོ་འབྱེད་མཛད་གནང་ནུག། ལས་རིམ་དེ་འབད་འགོ་འདྲེན་འཐབ་དགོ་མི་དེ་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་ཚོང་པ་ཚུ་གིས་ ཐོན་སྐྱེད་ཚུ་འགྲེམས་སྟོན་འབད་ཚུགས་ནི་གི་དོན་ལུ་ དང་ རྫོང་ཁག་༢༠ Read More

རྒྱལ་ཡོངས་བློ་རིག་རྒྱུ་དངོས་ཀྱི་སྲིད་བྱུས་༢༠༡༨ ཅན་མ་འགོ་འབྱེད་མཛད་ཡོདཔ།

སྤྱི་ཚེས་༢༣/༠༣/༢༠༡༨ ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ བློ་རིག་རྒྱུ་དངོས་ལས་ཁུངས་ཀྱིས་འགོ་འདྲེན་ཐོག་ལུ་ རྒྱལ་ཡོངས་བློ་རིག་རྒྱུ་དངོས་ཀྱི་སྲིད་བྱུས་༢༠༡༨ ཅནམ་འདི་ བསྟན་རྒྱས་ལྷན་ཁག་གི་ མི་རྗེ་བསྟན་རྒྱས་བློན་པོ་མཆོག་གིས་ འགོ་འབྱེད་མཛད་གནང་ཡོདཔ། རྒྱལ་ཡོངས་བློ་རིག་རྒྱུ་དངོས་ཀྱི་སྲིད་བྱུས་༢༠༡༨ཅན་མ་འདི་ཡང་ སྤྱི་ཚེས་༡༣/༠༢/༢༠༡༨ ལུ་ ཚོགས་པའི་ ལྷན་རྒྱས་གཞུང་ཚོགས་ཐེངས་༡༥༡ པའི་སྐབས་ལུ་ ཆ་འཇོག་འབད་ཡོདཔ་ཨིན་མས། ༼ཁ་གསལ་གྱི་དོན་ལུ་ འདི་ཁར་ ཨེབ་གནང་༽